Transcending Tibet ཐོད་རྒལ་གྱི་བོད།
Representing thirty emerging and established artists from the Tibetan Plateau and around the world, Transcending Tibet is a landmark exhibit of newly commissioned work. Mining the visual and material history of both Tibet and the modern world – reappropriating iconography, playing boldly with everything from acrylic and oil to mirrors illuminated with LEDs – these artists offer a varied and nuanced look at Tibetan identity and culture today. Featured in the exhibit at Rogue Space Chelsea, March 14–April 12, 2015 at Rogue Space Gallery, New York City.
འཛམ་གླིང་སྤྱི་དང་བོད་མཐོ་སྒང་ནས་ཕེབས་པའི་སྙན་གྲགས་ལྡན་པ་དང་། དེ་བཞིན་སྙན་གྲགས་འཕེལ་བཞིན་པའི་བོད་ཀྱི་སྒྱུ་རྩལ་བ་སུམ་ཅུ་ལས་གྲུབ་པའི་རི་མོའི་སྒྱུ་རྩལ་གྱི་འགྲེམ་སྟོན། “ཐོད་རྒལ་གྱི་བོད།”ཅེས་པ་ནི་བརྩམས་ཆོས་གསར་པ་ཤ་སྟག་ལས་གྲུབ་པའི་སྒྱུ་རྩལ་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་རེད། བོད་དང་དེང་དུས་ཀྱི་ལོ་རྒྱུས་ལ་གཞི་བཅོལ་བྱས་པའི་རི་མོའི་དགའ་སྟོན་འདི་ནི་ཀུན་ནས་ངོ་མཚར་ལྡན་པའི་འགྲེམ་སྟོན་ཞིག་ཏེ། སྒྱུ་རྩལ་གྱི་ཁྱད་ཆོས་གསར་པ། མཚོན་རྟགས་གསར་པ། དེ་བཞིན་ཚོན་གདངས་གསར་པ་བཅས་ཀྱིས་གསར་གཏོད་ཀྱི་ངོ་མཚར་གྱིས་ཕྱུག་ཡོད། གསར་གཏོད་དུ་མས་བརྒྱན་པའི་བརྩམས་ཆོས་དེ་དག་ནང་ལ་སྒྱུ་རྩལ་བ་ཚོས་ད་ལྟའི་བོད་ཀྱི་ངོ་བོ་དང་རིག་གཞུང་གི་རྣམ་པ་མཚོན་ཐབས་བྱས་ཡོད། འགྲེམ་སྟོན་དེ་ནི་༢༠༡༥ཟླ་བ་༣ཚེས་༡༤ནས་ཟླ་བ་བཞི་པའི་ཚེས་༡༢བར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་རཱོག་འགྲེམ་སྟོན་ཁང་ལ་བཤམས་ཡོད།
Read Moreའཛམ་གླིང་སྤྱི་དང་བོད་མཐོ་སྒང་ནས་ཕེབས་པའི་སྙན་གྲགས་ལྡན་པ་དང་། དེ་བཞིན་སྙན་གྲགས་འཕེལ་བཞིན་པའི་བོད་ཀྱི་སྒྱུ་རྩལ་བ་སུམ་ཅུ་ལས་གྲུབ་པའི་རི་མོའི་སྒྱུ་རྩལ་གྱི་འགྲེམ་སྟོན། “ཐོད་རྒལ་གྱི་བོད།”ཅེས་པ་ནི་བརྩམས་ཆོས་གསར་པ་ཤ་སྟག་ལས་གྲུབ་པའི་སྒྱུ་རྩལ་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་རེད། བོད་དང་དེང་དུས་ཀྱི་ལོ་རྒྱུས་ལ་གཞི་བཅོལ་བྱས་པའི་རི་མོའི་དགའ་སྟོན་འདི་ནི་ཀུན་ནས་ངོ་མཚར་ལྡན་པའི་འགྲེམ་སྟོན་ཞིག་ཏེ། སྒྱུ་རྩལ་གྱི་ཁྱད་ཆོས་གསར་པ། མཚོན་རྟགས་གསར་པ། དེ་བཞིན་ཚོན་གདངས་གསར་པ་བཅས་ཀྱིས་གསར་གཏོད་ཀྱི་ངོ་མཚར་གྱིས་ཕྱུག་ཡོད། གསར་གཏོད་དུ་མས་བརྒྱན་པའི་བརྩམས་ཆོས་དེ་དག་ནང་ལ་སྒྱུ་རྩལ་བ་ཚོས་ད་ལྟའི་བོད་ཀྱི་ངོ་བོ་དང་རིག་གཞུང་གི་རྣམ་པ་མཚོན་ཐབས་བྱས་ཡོད། འགྲེམ་སྟོན་དེ་ནི་༢༠༡༥ཟླ་བ་༣ཚེས་༡༤ནས་ཟླ་བ་བཞི་པའི་ཚེས་༡༢བར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་རཱོག་འགྲེམ་སྟོན་ཁང་ལ་བཤམས་ཡོད།